རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ ལ་དོན་གྱི་ཕྲད་མ་འཇུག་མིའི་རྣམ་དབྱེ་འདི་གདམ་ཁ་རྐྱབ།
ལས་སུ་བྱ་བ།
དགོས་ཆེད།
གནས་གཞི།
འབྱུང་ཁུངས།

2༽ བྱ་བའི་ཡུལ་ཅིག་ལུ་བྱ་བའི་རྣམ་པ་གཙོ་བོར་བཏོན་མི་འདི་……ཨིན
འབྱུང་ཁུངས།
ལས་སུ་བྱ་བ།
དགོས་ཆེད།
འབོད་སྒྲ།

3༽ རྣམ་དབྱེ་བཞི་པ་འདི་......................ཨིན།
བྱེད་སྒྲ།
གནས་གཞི།
དགོས་ཆེད།
ལས་སུ་བྱ་བ།

4༽ གང་ཟག་དང་དངོས་པོ་ག་ཅི་ར་འབད་རུང་ཡུལ་དང་དུས་ཀྱི་གཞི་གཅིག་ལུ་ གནས་ཏེ་ཡོད་པའི་དོན་སྟོན་མི་འདི་རྣམ་དབྱེ་.............ཨིན།
བཞི་པ་དགོས་ཆེད།
དང་པ་ངོ་བོ་ཙམ་སྟོན་པ།
གཉིས་པ་ལས་སུ་བྱ་བ།
བདུན་པ་གནས་གཞི།

5༽ ཤིང་གི་འོག་ལུ་རོ་ཁྱི་ཅིག་ཧབ་སྟེ་སྡོད་ནུག ཟེར་བའི་སྐབས་ ལ་དོན་གྱི་ཕྲད་ངོས་འཛིན་འབད།
ཅིག
ལུ།
གི།
སྟེ།

6༽ ས་ཁར་སྡོད་ཟེར་བའི་དཔེར་བརྗོད་ནང་ ལ་དོན་གྱི་ཕྲད་ངོས་འཛིན་འབད།
ཁར།
ལ་དོན་གྱི་ཕྲད་མིན་འདུག

7༽ ལས་སུ་བྱ་བའི་རྣམ་དབྱེ་གི་དཔེར་བརྗོད་མེན་མི་འདི་གདམ་ཁ་རྐྱབ།
ཐིམ་ཕུག་ལུ་འགྱོ།
སྒྲོམ་ནང་ན་བཙུགས།
ཤིང་གུ་འཛེག
ལྟོ་ཟ།

8༽ བྱ་ལས་དབྱེར་མེད་ཀྱི་དཔེར་བརྗོད་ངོས་འཛིན་འབད།
བ་ལས་ཨོམ།
དམ་སྦྱྲིས་ནང་ན་ཨོམ་ཡོད།
ཨོམ་དམ་སྦྱིས་ནང་ན་བླུག
ཨོམ་ཆུ་ལུ་གྱུར།

9༽ འོག་གི་དཔེར་བརྗོད་ཚུ་གི་གྲས་ལས་ བྱ་ལས་དབྱེར་མེད་ཀྱི་དཔེར་བརྗོད་མེན་མི་འདི་ངོས་འཛིན་འབད།
ཤིང་སེར་པོར་གྱུར།
བུམོ་མཁའ་འགྲོ་མར་གྱུར།
སྤྱ་མི་ལུ་གྱུར།
གཡུས་ཁར་སོང།

10༽ རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་དཔེར་བརྗོད་གདམ་ཁ་རྐྱབ།
དམ་སྦྱྲིས་ནང་ན་ཨོམ་ཡོད།
རྐངམ་གུ་རྨ་འདུག
རྨ་གུ་སྨན་དབུར།
གཡུས་ཁར་ཕམ་ཡོད།

11༽ རྣམ་དབྱེ་བདུན་པ་གནས་གཞིའི་དཔེར་བརྗོད་གདམ་ཁ་རྐྱབ།
གཡུས་ཁ་ལུ་མི་འགྱོ།
གཡུས་ཁ་ལུ་ཕམ་ཡོད།
གཡུས་ཁར་སོང།
གཡུས་ཁ་ལས་འོངས་ཡི།

12༽ རྣམ་དབྱེ་བདུན་པ་གནས་གཞིའི་དཔེར་བརྗོད་མེན་མི་འདི་གདམ་ཁ་རྐྱབ།
ཞིང་ཁར་ལཱ་འབད།
ཚེས་བཅོ་ལྔ་ལུ་དཀར་མེ་ཕུལ།
ཐིམ་ཕུག་ལུ་མི་སྣ་ཚོགས་ཡོད།
ལྷ་ཁང་ནང་ན་སྐུ་ཡོད།

13༽ ཁོ་གིས་ང་......སླབ་ཅི།
ལུ།
གུ་ལུ།
ན།
གུ།

14༽ ཤིང་.........འཛེག ས་སྟོང་ནང་མ་ཕོག་མི་འདི་ངོས་འཛིན་འབད།
ཁ་ལུ།
གུ་ལུ།
གུ
ཁར།

15༽ གཡུས་................སོང།
ལུ།
ཁ།
ཁ་ལུ།
ཁར་ལུ།

16༽ ཁྱིམ་གྱི་ཟུར་་་་་་་མི་ཅིག་འདུག་ཟེར་བའི་སྐབས་ལ་དོན་བཙུགས་ཐངས་ངོས་འཛིན་འབད།
ཁ།
ཁར།
ཁར་ལུ།
ཁར་ར།

17༽ རྟ་.............བཞོན།
མགུ།
གུ།
མགུ་ལུ།
གུ་ལུ།

18༽ གླང་གི་་་་་་་་་་རྭཝ་འདུག
གུ་ལུ།
གུར།
མགུ་ལུ་
འགུར།

19༽ ལ་དོན་གྱི་ཕྲད་ ར་ཚུལ་བཞིན་ཡོད་མི་འདི་ངོས་འཛིན་འབད།
ནམ་མཁའར་སྤྲིན་འདུག
ནམ་མཁར་སྤྲིན་འདུག
ནམ་མཁའ་ར་སྤྲིན་འདུག
ནམ་མཁའ་སྤྲིན་འདུག

20༽ འཛོལ་ཏེ་ཡོད་མི་བརྗོད་པ་འདི་གདམ་ཁ་རྐྱབ།
ས་ཁར་སྡོད།
ཁོ་གི་ལག་པར་སྤྲོད།
ཤིང་མགུ་འཛེག
རྐང་མར་དྲང།