རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ པདྨ་གིས་ལྟོ་ཟ།བརྗོད་པ་འདི་ནང་ མ་བདེན་མི་འདི་གདམ་ཁ་རྐྱབ།
ལྟོ་འདི་བྱ་བའི་ཡུལ་ཨིན།
ལྟོ་འདི་བྱེད་པ་པོ་ཨིན།
པདྨ་འདི་བྱེད་པ་པོ་ཨིན།
ཟ་འདི་ལཱ་ཨིན།

2༽ ལཱ་གི་དོན་གཙོ་བོར་བཏོན་པའི་ཚིག་འདི་.............ཨིན།
དབྱེ་ཚིག
ལས་ཚིག
ཁྱད་ཚིག
མིང་ཚིག

3༽ དབང་མོ་གིས་ཆུ་འཐུང། ཟེར་བའི་སྐབས་ བྱ་བའི་ཡུལ་འདི་ག་ཅི་སྨོ།
འཐུང་ཨིན།
ག་ཅི་ཡང་མེན།
དབང་མོ་ཨིན།
ཆུ་ཨིན།

4༽ ལས་ཚིག་དང་ཁྱད་ཚིག་དེ་ལས་དབྱེ་ཚིག་གཞན་ཚུ་གི་ཁྱད་ཆོས་སྟོན་མི་འདི་...............ཨིན།
ཁྱད་ཚིག
སྨོན་ཚིག
མིང་ཚིག
དབྱེ་ཚིག

5༽ དགའ་ཏོག་ཏོ་་་་་་སྡོད།
སྦེ་འབད།
འབད་སྦེ།
འབད།
སྦེ།

6༽ འབད་དང་སྦེ་གི་འཇུག་པ་འཛོལ་ཡོད་མི་འདི་གདམ་ཁ་རྐྱབ།
འདི་བཟུམ་སྦེ་འབད་དགོ།
ཁོ་གིས་ལམ་གོ་ལེ་སྦེ་འགྱོཝ་མས།
ལཱ་ཚུ་ལེགས་ཤོམ་སྦེ་འབད་སྦེ་སྡོད།
ཁོ་དགའ་ཏོག་ཏོ་འབད་སྡོད་ནུག

7༽ མིང་ཚིག་དང་གཅིག་ཁར་སྦྱར་བའི་སྐབས་དགག་པའི་སྒྲ་སྦེ་འཇུག་མི་འདི་.............ཨིན།
སྒག་སྒྲ།
འགག་སྒྲ།
འགགས་སྒྲ།
དགག་སྒྲ།

8༽ དགག་སྒྲ་གི་ཕྲད་ག་དེམ་ཅིག་ཡོད།
༦ ཡོད།
༢ ཡོད།
༥ ཡོད།
༣ ཡོད།

9༽ དགག་སྒྲའི་ལག་ལེན་འཛོལ་ཡོད་མིའི་དཔེར་བརྗོད་འདི་གདམ་ཁ་རྐྱབ།
སང་ཕོད་མི་འགྱོ།
ན་ཧིང་མི་འགྱོ།
ནངས་པ་མ་སླབ།
ཁ་ཙ་མ་འབད།

10༽ ང་ནངས་པ་སློབ་གྲྭ་ནང་......འགྱོ།
མ།
མིན།
མི།
མེད།

11༽ འདས་པ། མ་འོངས་པ། ད་ལྟ་བ་ཚུ་………ཨིན།
གང་ཟག་གསུམ།
དུས་གསུམ།
བདག་གཞན་དུས་གསུམ།
བྱ་བྱེད་ལས་གསུམ།

12༽ ང་གིས་ལཱ་འབད་ནི། ཟེར་མི་འདི་དུས་ག་ཅི་གི་དཔེར་བརྗོད་སྨོ།
སྐུལ་ཚིག
འདས་པ།
ད་ལྟ་བ།
མ་འོངས་པ།

13༽ དུས་མ་འོངས་པ་སྟོན་པའི་ཚིག་གྲོགས་ག་ཅི་ར་སྨོ།
དོ། དེས།
ནི། འོང། གེ།
ད། ཞིག ཤིག
ཅི། ཡི། ནུག

14༽ ཅི། ཡི། ནུག གསུམ་གྱིས་དུས་ག་ཅི་སྟོནམ་སྨོ།
འདས་པ།
ད་ལྟ་བ།
སྐུལ་ཚིག
མ་འོངས་པ།

15༽ རྒྱལ་ཁབ་ཡར་རྒྱས་འགྱོ་དོ། ཟེར་མི་འདི་དུས་ག་ཅི་གི་དཔེར་བརྗོད་སྨོ།
སྐུལ་ཚིག
ད་ལྟ་བ།
མ་འོངས་པ།
འདས་པ།

16༽ ཁོ་གིས་ནངས་པ་འབད་........། ས་སྟོང་ནང་མ་ཕོག་མིའི་ཚིག་གྲོགས་འདི་གདམ་ཁ་རྐྱབ།
འོང།
གེ།
ནི།
ཡི།

17༽ ལས་ཚིག་གི་ཚིག་གྲོགས་འཛོལ་ཏེ་ཡོད་མིའི་དཔེར་བརྗོད་འདི་གདམ་ཁ་རྐྱབ།
ཁོ་གིས་ཁ་ཙ་འབད་ནུག
ང་གིས་ཁ་ཙ་སླབ་ཅི།
མོ་གིས་ཁ་ཙ་བྲིས་འོང།
པདྨ་གིས་ན་ཧིང་ར་ལེན་ཡི།

18༽ སློབ་གྲྭའི་ནང་འགྱོ་དགོ ལྟོ་ཟ་ཞིག ཟེར་བའི་སྐབས་ཀྱི་ཞིག་འདི་..............ཨིན།
འདས་པའི་ཚིག་གྲོགས།
ད་ལྟ་བའི་ཚིག་གྲོགས།
མ་འོངས་པའི་ཚིག་གྲོགས།
སྐུལ་ཚིག་གི་ཚིག་གྲོགས།

19༽ ལཱ་ལྷོད་ལྷོད་སྦེ་འབད་ཟེར་བའི་སྐབས་ལྷོད་ལྷོད་སྦེ་འདི་ག་ཅི་སྨོ།
ལས་ཚིག་གི་སྒྲ།
ཁྱད་ཚིག་གི་སྒྲ།
བྱེད་པ་པོའི་སྒྲ།
དབྱེ་ཚིག་གི་སྒྲ།

20༽ ཡི་གུ་ལེགས་ཤོམ་སྦེ་བྲིས་ནུག་ཟེར་བའི་དཔེར་བརྗོད་ནང་དབྱེ་ཚིག་གསལ་བྱེད་ཀྱི་སྒྲ་ངོས་འཛིན་འབད།
ནུག
ཡི་གུ།
ཚབ་ཚབ་སྦེ།
བྲིས།