རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ ཚིག་ལྷག་མ་ཡར་འདྲེན་མི་འདི་………………ཨིན།
ལ་དོན།
འབྲེལ་སྒྲ།
བྱེད་སྒྲ།
ལྷག་བཅས།

2༽ ལྷག་བཅས་ཀྱི་ཕྲད་རྗེས་འཇུག་དང་འཁྲིལ་མ་དགོ་མི་འདི་ངོས་འཛིན་འབད།
སྟེ།
དེ།
སྦེ།
ཏེ།

3༽ རྗེས་འཇུག་ ན་ར་ལ་ས་བཞི་ལུ་ ལྷག་བཅས་ཀྱི་ཕྲད་……………འཇུགཔ་ཨིན།
སྟེ།
ཏེ།
འདི།
དེ

4༽ ལྷག་བཅས་ཀྱི་ཕྲད་སྟེ་འདི་རྗེས་འཇུག་ག་ཅི་གི་མཐའ་མར་འཇུགཔ་སྨོ།
ག་ད་བ་ས་འ།
ན་མ་ར་ལ།
ན་ར་ལ་ས།
ག་ང་བ་མ་འ་དང་མཐའ་མེད།

5༽ ལྷག་བཅས་ཀྱི་ཕྲད་ དེ་འདི་……………… འཇུགཔ་ཨིན།
སྔོན་འཇུག་ད་གི་མཐའ་མར།
རྗེས་འཇུག་ ད་གི་ཧེ་མར།
མིང་གཞི་ད་གི་མཐའ་མར།
རྗེས་འཇུག་ད་གི་མཐའ་མར།

6༽ ཤིང་བཀག་......མེ་འཕུ།
སྟེ།
ཏེ
དེ
འདི

7༽ བློ་ཕྲང་་་་་་སླབ།
དེ
དི
ཏེ
སྟེ

8༽ ས་ཁར་སྡོད་......ལྟོ་ཟ།
ཏི
སྟེ
དེ
ཏེ

9༽ གོ་གྱོན་…………སོང་།
དེ
དི
སྟེ
ཏེ།

10༽ མལ་ཆ་བཀབ་..........ཉལ།
ཏེ
དེ
སྟེ
ཏི

11༽ ཅ་ལ་བཀྲམ་.........བཞག
ཏེ
སྟེ
དེ
དི

12༽ སེམས་དགའ་......སྡོད།
ཏེ
སྟེ
དེ
འདི

13༽ དར་ཕྱར་.......བཞག
སྟེ
དི
དེ
ཏེ

14༽ ཆོས་སྤེལ་.........བཞུགས།
སྟེ
ཏེ
འདི
དེ

15༽ ལོ་རྒས་............ཤི།
ཏེ
འདི
དེ
སྟེ

16༽ མིག་ཏོ་བལྟ་..........ལམ་འགྱོ།
འདི
སྟེ
ཏེ
དེ

17༽ ཡི་གུ་........ཏེ་མོ་ལུ་སྤྲོད།
འབྲི།
འབྲིས།
བྲིས།
བྲི།

18༽ ཁྱོད་ར་ལྟོ་............ཟ།
འབད་འབད།
འབད་སྦེ།
སྦེ་སྦེ།
སྦེ་འབད།

19༽ ལཱ་ལེགས་ཤོམ་..........སྡོད།
སྦེ་འབད་སྦེ།
འབད་འབད་འབད།
སྦེ་འབད་འབད།
འབད་འབད་སྦེ།

20༽ ཁྱིམ་ལཱ་ག་ར་.......ཉལ། ས་སྟོང་འདི་ནང་མ་འཇུག་མི་འདི་ངོས་འཛིན་འབད།
འབད་སྦེ།
འབད་འབད།
འབད་དེ།
འབད་ཞིནམ་ལས།