རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ བྱེད་པ་པོ་འདི་གཙོ་བོ་བཏོན་ནི་འདི་གིས་..........ཨིན།
བྱེད་སྒྲ།
འབྱུང་ཁུངས།
འབྲེལ་སྒྲ།
ལྷག་བཅས།

2༽ གིས་གྱིས་ཀྱིས་འིས་ ཡིས་ཚུ་ག་ཅི་གི་ཕྲད་སྨོ།
ལ་དོན།
འབྲེལ་སྒྲ།
ལྷག་བཅས།
བྱེད་སྒྲ།

3༽ འབྲེལ་སྒྲའི་ཕྲད་དང་བྱེད་སྒྲའི་ཕྲད་གཉིས་ཀྱི་བར་ན་ཁྱད་པར་ག་ཅི་ཡོདཔ་སྨོ།
གྲངས་ཀྱི་ཁྱད་པར་ཡོད།
སྒྲའི་སྦྱོར་ཚུལ་གྱི་ཁྱད་པར་ཡོད།
ཁྱད་པར་མེད།
རྗེས་འཇུག་ས་ཡོདཔ་དང་མེད་པའི་ཁྱད་པར་ཡོད།

4༽ རྗེས་འཇུག་ ད། བ། ས་གི་མཐའ་མར་བྱེད་སྒྲའི་ཕྲད་…………འཇུགཔ་ཨིན།
གྱིས།
ཡིས།
གིས།
ཀྱིས།

5༽ བྱེད་སྒྲའི་ཕྲད་གྱིས་འདི་རྗེས་འཇུག་..................གི་མཐའ་མར་འཇུགཔ་ཨིན།
ན་ར་ལ་ས།
ག་ང་བ་མ།
ག་ད་བ་ས།
ན་མ་ར་ལ།

6༽ རྗེས་འཇུག་ ག་ང་དང་འ་དང་མཐའ་མེད་ཀྱི་མཐའ་མར་བྱེད་སྒྲའི་ཕྲད་..................འཇུགཔ་ཨིན།
ཀྱིས།
ཡིས།
གྱིས།
གིས།

7༽ རྗེས་འཇུག་ འ་དང་མཐའ་མེད་ལུ་བྱེད་སྒྲའི་ཕྲད་............འཇུགཔ་ཨིན།
སྟེ་ཏེ་དེ།
སུ་ར་རུ།
ཀྱིས་གྱིས་ཀིས།
གིས་འིས་ཡིས།

8༽ སྟག་............བསད།
གིས།
གྱིས།
ཀྱིས།
ཀིས།

9༽ གླང་……… བརྡུངས།
གྱིས།
གིས།
ཡིས།
ཀྱིས།

10༽ ཆོས་སྐྱིད་............ལྟོ་ཟ་དེས།
གིས།
གྱིས།
ཀྱིས།
འིས།

11༽ སྨན་............གཟུགས་ལུ་ཕན་འོང།
འིས།
གྱིས།
གིས།
ཀྱིས།

12༽ ཁབ་.......... གོ་ལ་བཙེམ་བཏུབ།
གིས།
ཡིས།
ཀྱིས།
གྱིས།

13༽ དཔལ་འབྱོར་.......ཡི་གུ་བྲིས་ནུག
གིས།
ཡི།
ཀྱིས།
གྱིས།

14༽ པདྨ་..........ང་ལུ་སླབ་དེས།
གྱིས།
ཀྱིས།
འིས།
གིས།

15༽ སངྱས་...........ཆོས་གསུངས་ནུག
ཀྱི།
གི།
ཀྱིས།
གིས།

16༽ པ་སངས་.......ང་ལུ་སླབ་དེས།
ཀྱིས།
གིས།
ཀྱི།
ཀིས།

17༽ ཀརྨ་.....གཡུས་ཁར་ལྷོད་ར་མ་ལྷོད་པས།
གྱི།
གིས
གི།
གྱིས།

18༽ ས་ཡོམ་....གནོད་རྐྱེན་འབྱུང་མི་ཚུ་ལུ་བླམ་.....གྲོགས་རམ་མཛད་གནང་ཡི།
གིས། གྱིས།
གྱིས། གྱིས།
གྱིས། གིས
གྱིས། གི།

19༽ ང་.......ཨ་པ་.....གཡུས་ཁར་འགྱོ་ཡི།
གི། གི།
གིས། གིས།
གིས། གི།
གི། གིས།

20༽ སེམས་་་་་རྟོགས།
ཀྱི།
གིས།
ཀྱིས།
གྱིས།