རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ འབྲེལ་སྒྲ་གིས་ག་ཅི་སྟོནམ་སྨོ།
འབྲེལ་བའི་དོན།
བྱ་བའི་ཡུལ་གྱི་དོན།
བྱ་བའི་ལས་ཀྱི་དོན།
འབྲལ་བའི་དོན།

2༽ གི་གྱི་ཀྱི་འི་ཡི་ཚུ་ག་ཅི་གི་ཕྲད་སྨོ།
ལྷག་བཅས།
ལ་དོན།
བྱེད་སྒྲ།
འབྲེལ་སྒྲ།

3༽ རྗེས་འཇུག་ ད། བ། ས་གི་མཐའ་མར་འབྲེལ་སྒྲའི་ཕྲད་…………འཇུགཔ་ཨིན།
ཡི།
ཀྱི།
གི།
གྱི།

4༽ འབྲེལ་སྒྲའི་ཕྲད་གྱི་འདི་རྗེས་འཇུག་..................གི་མཐའ་མར་འཇུགཔ་ཨིན།
ན་མ་ར་ལ།
ག་ང་བ་མ།
ག་ད་བ་ས།
ན་ར་ལ་ས།

5༽ རྗེས་འཇུག་ ག་ང་དང་འ་དང་མཐའ་མེད་ཀྱི་མཐའ་མར་འབྲེལ་སྒྲའི་ཕྲད་..................འཇུགཔ་ཨིན།
ཡི།
གྱི།
ཀྱི།
གི།

6༽ རྗེས་འཇུག་ འ་དང་མཐའ་མེད་ལུ་འབྲེལ་སྒྲའི་ཕྲད་་་་་་འཇུགཔ་ཨིན།
ཀྱི་གྱི་ཀི།
སྟེ་ཏེ་དེ།
གི་འི་ཡི།
སུ་ར་རུ།

7༽ སྟག་.........པགས་ཀོ།
གྱི
ཀྱི
གི
འི

8༽ དུང་..........བུམ་པ།
ཀྱི
གྱི
གེ
གི

9༽ བདེ་སྐྱིད་.............ཨ་པ།
གྱི
ཀྱི
གི
ཀྱིས

10༽ དཔོན་.............གསོལ་ར།
ཀྱི
གི
གྱི
གྱིས

11༽ ཐབ་..................མེ།
གི
ཀི
གྱི
ཀྱི

12༽ དོམ་.................ཕྱུ་གུ།
ཀྱི
གི
གྱི
འི

13༽ སངས་རྒྱས་.......ཆོས།
གྱི
གི
ཀི
ཀྱི

14༽ སྤོས་དཀར་............འདབ་མ།
འི
གི
གྱིས
གྱི

15༽ ཤེལ་...................འོད།
ཀི
གྱི
གི
ཀྱི

16༽ མདའ་..............ལྟོང་།
གྱི
ཀྱི
ཀི
གི

17༽ འབྲེལ་སྒྲའི་ཕྲད་འཛོལ་ཏེ་ཡོད་མིའི་དཔེར་བརྗོད་འདི་གདམ་ཁ་རྐྱབ།
མེ་གི་དྲོད།
མེ་གྱི་དྲོད།
མེ་ཡི་དྲོད།
མེའི་དྲོད།

18༽ འབྲེལ་སྒྲའི་ཕྲད་འཛོལ་ཏེ་ཡོད་མིའི་དཔེར་བརྗོད་འདི་གདམ་ཁ་རྐྱབ།
ཆུ་ཡི་རྦ་རླབས།
བླ་མའི་ཕྱག་དཔེ།
ཕ་མ་གྱི་ས་གཞི།
མདའ་གི་ལྟོང།

19༽ བསྟན་འཛིན་......ཆ་རོགས་སེངྒེ་......གཡུས་ཨིན།
གྱིས། གིས།
གྱི། གིས།
གྱིས། གི།
གྱི། གི།

20༽ པདྨ་.......བུ་ཨྱོན་........ ཁ་ཙ་སླབ་དེས།
གྱི། གྱིས།
གྱིས། གྱིས།
གིས། གྱིས།
གི། གྱིས།