རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ ཁྱད་ཆོས་ཚུ་ག་ནི་ཡང་མ་སྟོན་པར་ རང་གི་ངོ་བོ་ཙམ་སྟོན་མི་འདི་…………ཨིན།
ཁྱད་ཚིག
དབྱེ་ཚིག
མིང་།
ལས་ཚིག

2༽ ཤིང་ཟེར་མི་འདི་………………ཨིན།
སྒེར་མིང་།
རྟགས་མིང་།
ཚོགས་མིང་།
སྤྱི་མིང་།

3༽ པདྨ་ཟེར་མི་འདི་...........ཨིན།
ཚོགས་མིང།
སྤྱི་མིང།
སྒེར་མིང་།
བུ་གི་མིང།

4༽ སྟོང་ཕྲག་ཟེར་མི་འདི་……………ཨིན།
ཏི་རུའི་མིང་།
ཨང་རྟགས།
གྲངས་མིང་།
ཚོགས་མིང་།

5༽ རྫོང་ཁའི་མིང་ཚིག་ཨིན་མི་འདི་གདམ་ཁ་རྐྱབ།
རྒྱང་མཐོང་ཀྲེ་ལི་ཝི་ཞཱན།
རྒྱང་མཐོང་ཊི་བི།
རྒྱང་མཐོང།
ཊི་བི།

6༽ རྫོང་ཁའི་མིང་ཚིག་ཨིན་མི་འདི་གདམ་ཁ་རྐྱབ།
ཚོད་བསྲེ་ཁྲོམ།
སབ་ཇི་བ་ཟར།
ཀྲེག་སི།
རྐང་རྩེད་ཕུཊ་བོལ།

7༽ མིང་ཚིག་གི་ཚབ་མ་སྦེ་ལག་ལེན་འཐབ་མི་འདི་……………ཨིན།
ལས་ཚབ།
མིང་ཚབ།
དོན་ཚབ།
བྱ་ཚབ།

8༽ གང་ཟག་གི་མིང་ཚབ་བཀོད་ཡོད་མི་ཚུ་ངོས་འཛིན་འབད།
འདི། དེ། ནེ།
ཁོ། མོ། ཁྱོད། ཁོང་། ཁྱེད།
ཨ་ཕི། ཨ་ནི། ཨ་ཡར། མར།
ཡར། འདི། ཕར། ཚུར།

9༽ མིང་གི་ཁྱད་པར་གྱི་དབྱེ་བ་ཁ་གསལ་སྦེ་སྟོན་མི་འདི་......................ཨིན།
ཁྱད་ཚིག
མིང་ཚིག
བྱ་ཚིག
དབྱེ་ཚིག

10༽ མིང་དང་ཁྱད་ཚིག་གི་གོ་རིམ་འཛོལ་ཏེ་ཡོད་མིའི་བརྗོད་པ་འདི་གདམ་ཁ་རྐྱབ།
བུམ་འཇའ་རིསམོ་ཅིག་གིས་ལྟ་དེས།
མི་ལེགས་ཤོམ་ཅིག་འདུག
ཤིང་རིངམོ་འདི་ལེགས་པས།
ལྟོ་ཕྱེད་ཀ་ཐ་ལི་ཟ་ཡི།

11༽ ནངས་པ་ཁྱེད་..........ཡིག་ཚང་ནང་ཤོག་མས།.
གེ་ར།
ག་ར།
པུ་ར།
ག་ཡེ་ར།

12༽ བསོད་ནམས་འདི་ཁོ་གི་ཨམ་སྲུ་ཐད་རི་བ་རི་ར་ཨིན་ཟེརཝ་ད་མིང་ཚབ་ངོས་འཛིན་འབད།
བུ།
ཐད་རི་བ་རི།
ཁོ།
བསོད་ནམས།

13༽ ཨ་ནཱི་ཅ་ལ་་་་་་་་་ལེགས་ཤོམ་འདུག
འདེ།
དེས།
འདི།
དེ།

14༽ བཀྲ་ཤིས་ཆོས་རྫོང་གི་བཟོ་བཀོད་མཛེས་ཏོག་ཏོ་འདུག་ཟེརཝ་ད་ཁྱད་ཚིག་ངོས་འཛིན་འབད།
འདུག
མཛེས་ཏོག་ཏོ།
བཀྲ་ཤིས་ཆོས་རྫོང།
བཟོ་བཀོད།

15༽ ཞབས་ཁྲ་འཐེན་མི་འཇིགས་མེད་ཀྱི་སྐད་ཧན་ཏོང་ཏོ་འདུག་ཟེརཝ་ད་ཁྱད་ཚིག་ཧན་ཏོང་ཏོ་འདི་གིས་ ག་ཅི་གི་ཁྱད་ཆོས་སྟོནམ་སྨོ།
འདུག
སྐད།
ཞབས་ཁྲ་འཐེན་མི།
འཇིགས་མེད།

16༽ མོ་བཟུམ་སྦེ་ང་ཡང་འདི་ཉོ་ནི། དཔེར་བརྗོད་འདི་ནང་མིང་ཚབ་ཚུ་ངོས་འཛིན་འབད།
མོ། ང། འདི།
མོ། ང།
མོ། ང། བཟུམ་སྦེ།
མོ། ང། ནི།

17༽ མིང་དང་ཁྱད་ཚིག་གི་ཐོབ་ལམ་འཛོལ་ཏེ་ཡོད་མི་འདི་ངོས་འཛིན་འབད།
ཞབས་ཁྲ་འཁྲུལ་སི་སི།
མིག་ཁར་ཧན་ཏོང་ཏོ་འདུག
གཟུགས་བདེ་ཏོག་ཏོ།
མི་དགའ་ཏོག་ཏོ་ཅིག་འདུག

18༽ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་གནམ་མེད་ས་མེད་ལེགས་ཤོམ་འདུག་ཟེར་བའི་སྐབས་མིང་ངོས་འཛིན་འབད།
འདུག
གནམ་མེད་ས་མེད།
ལེགས་ཤོམ།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས།

19༽ གྲངས་ཀྱི་ཁྱད་ཚིག་གི་དཔེར་བརྗོད་འདི།
བཀབ་ནེ་དམརཔོ་གནང་ཡི།
མེ་ཏོག་ལེ་ཤ་ཤར་ནུག
མི་ཕྱུགཔོ།
རིག་པ་གསལ་ཏོག་ཏོ།

20༽ རྟ་ཕོ་རྟ་ནག་རྟིང་དཀར་ནང་ལུ་རྟའི་ཁྱད་ཚིག་ཚུ་ངོས་འཛིན་འབད།
ཕོ། རྟིང་པ། ཁ་དོག
ཕོ། རྟིང་དཀར། ནགཔོ།
ཕོ། ནགཔོ།
རྟིང་དཀར། ནགཔོ།