རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ ༄༅༅ ༄༅ ༆༈ ༊ ࿐ ࿑ ༉ དེ་ཚུ་ག་ཅི་སྨོ།
མཛེས་རྒྱན་ཨིན།
མགུལ་རྒྱན་ཨིན།
མཇུག་རྒྱན་ཨིན།
མགོ་རྒྱན་ཨིན།

2༽ གོ་དོན་སྟོན་ཚུགས་པའི་མིང་ཚིག་གི་སྡེ་ཚན་ཅིག་ལུ་……………ཟེར་བཞགཔ་ཨིན།
ཚིག་མཚམས།
བརྗོད་པ།
ཚིགས་བཅད།
ཚིག

3༽ བཀའ། ཟེར་བའི་ཚིག་འབྲུ་འདི་ནང་ཡིག་འབྲུ་གྱངས་ཁ་ག་དེམ་ཅི་འདུག
གཅིག
གཉིས།
གསུམ།
བཞི།

4༽ བསྒྲུབ། ཟེར་བའི་ཚིག་འབྲུ་འདི་ནང་ཡིག་འབྲུ་གྱངས་ཁ་ག་དེམ་ཅི་འདུག
ལྔ།
དྲུག
གཉིས།
གསུམ།

5༽ ཡིག་འབྲུའི་བར་ན་རྐྱབ་མི་འདི་…………ཨིན།
ཤད།
ཐིག
ཀླད་ཀོར།
ཚག

6༽ བཀའ་སློབ། ཟེར་བའི་སྐབས་ཚིག་འབྲུ་ག་དེམ་ཅིག་འདུག
ལྔ།
གཉིས།
བདུན།
བརྒྱད།

7༽ ཚིག་མཚམས་དང་དོན་མཚམས་ཀྱི་བཅད་མཚམས་ཁར་འཐེན་མི་འདི་………………ཨིན།
ཤད།
ཐིག
ཚག
རྟགས།

8༽ ཨང་རྩིས་རྟགས་ (+) འདི་……………ཨིན།
སྡོམ་རྟགས།
སྣོན་རྟགས།
སྡེབ་རྟགས།
ལྷག་རྟགས།

9༽ ཨང་རྩིས་རྟགས་ (-) འདི་…………ཨིན།
ཉུང་རྟགས།
དམའ་རྟགས།
བཏོག་རྟགས།
ཕབ་རྟགས།

10༽ ཨང་རྩིས་ (x) འདི་……………ཨིན།
སྤེལ་རྟགས།
འཐེབ་རྟགས།
བཏོག་རྟགས།
སྒྱུར་རྟགས།

11༽ ཨང་རྩིས་རྟགས་ (÷) འདི་...........ཨིན།
བཀྲམ་རྟགས།
སྐལ་རྟགས།
བགོ་རྟགས།
ཕྱེད་རྟགས།

12༽ ཨང་རྩིས་རྟགས་ (=) འདི་.............ཨིན།
མཚུངས་རྟགས།
མཐུན་རྟགས།
མཉམ་རྟགས།
སྙོམ་རྟགས།

13༽ ཁྱོད་ནི་རྒྱ་མཚོའི་ཕ་ཁར།། ཟེར་མི་འདི་………………ཨིན།
ཡིག་འབྲུ།
ཚིག་འབྲུ།
ཚིག་ལྷུག
ཚིག་རྐང་།

14༽ ཤོ་ལོ་ཀ་ཟེར་མི་འདི་………… ཨིན།
ཚིག་རྐང་དྲུག་རེའི་འབད་མི་འདི།
ཚིག་རྐང་བཞི་རེ་འབད་མི་འདི།
ཚིག་རྐང་རའི་ནང་ཚིག་འབྲུ་ལེ་ཤ་ཡོད་མི་འདི།
ཚིག་ཚུ་གི་བར་ན་བཅད་མཚམས་ཡོད་མི་འདི།

15༽ ཁྱོད་སྡོད་ས་རྒྱ་མཚོའི་ཕ་ཁར་ཨིན་པའི་ཁར་བར་ན་ཟམ་ཅིག་མེད་ནི་འདི་གིས་ང་བཅས་གཉིས་ཕྱད་མི་ཚུགས་པས། ཟེར་བའི་སྐབས་ཚིག་གི་སྒྲིག་ཐངས་འདི་……ཨིན།
ཚིག་ལྷུག
ཚིག་རྐང་།
ཚིགས་བཅད།
སྤེལ་མ།

16༽ ཁྱོད་ལུ་དགའ། ཟེར་མི་འདི་…………ཨིན།
བརྗོད་པ་རྐྱང་པ།
བརྗོད་པ་སྣ་བསྡུས།
གོང་གི་གསུམ་ཆ་ར།
བརྗོད་པ་ཆ་ཚང་བ།

17༽ ཁོ་འགྱོ་དེས། ཟེར་མི་འདི་...........ཨིན།
སེམས་ཚོར་གྱི་བརྗོད་པ།
བརྗོད་པ་ཆ་ཚང་བ།
བརྗོད་པ་རྐྱང་པ།
བརྗོད་པ་སྣ་བསྡུས།

18༽ བརྗོད་པ་ཆ་ཚང་བའི་དཔེར་བརྗོད་གདམ་ཁ་རྐྱབ།
ག་ཏེ་འགྱོ་ནི།
ཁྱོད་ལུ་དགའ།
ཁོ་འགྱོ་དེས།
སློབ་གྲྭའི་ནང་སློབ་དཔོན་གྱིས་དཔེ་ཆ་སྟོན་དེས།

19༽ མོ་ཁྲོམ་ཁ་ལས་ལོག་འོངས་ཞིན་ན་ ལྟོ་ཟ་ཚརཝ་མ་ཚད་ ལྡུམ་རའི་ནང་མེ་ཏོག་ཡང་བཙུགས་ཚར་ནུག ཟེར་མི་འདི་………………ཨིན།
བརྗོད་པ་སྣ་བསྡུས།
བརྗོད་པ་ཆ་ཚང་བ།
གོང་གི གསུམ་ཆ་ར།
བརྗོད་པ་རྐྱང་པ།

20༽ གཏང་ཡིག་འབྲིཝ་ད་མགུལ་རྒྱན་གྱི་དཔེ་འདི་ངོས་འཛིན་འབད།
ཞུ་དོན།
བཀའ་དྲིན་མཚུངས་མེད་དམ་པ་དྲི་ཅན་ཕ་མ་གཉིས་ཀྱི་དྲུང་དུ།
ཕྱག་བཅས་ཕུལ།
སྒོ་གསུམ་གུས་པས།