རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ ཨང་གྲངས ༢༠ གི་མིང་མེན་མི་འདི་་་་་་་ཨིན།
ཉི་ཤུ་གཅིག
བཅུ་ཕྲག་གཉིས།
ཉི་ཤུ།
ཁལ་གཅིག

2༽ བཞི་བཅུ་ལུ་.........ཟེར་ཡང་སླབ་ནི་ཡོད།
ཁལ་ཕྱེད་དང་བཞི།
ཁལ་གཉིས།
ཉི་ཤུ་གཉིས།
ཁལ་བཞི།

3༽ ལྔ་བཅུ་ལུ་..........ཟེར་ཡང་སླབ་ནི་ཡོད།
ཁལ་ཕྱེད་དང་གསུམ།
ཁལ་ལྔ།
ཁལ་ཕྱེད་དང་དྲུག
ཁལ་ཕྱེད་དང་ལྔ།

4༽ ༣/༤ ལུ་རྫོང་ཁའི་ནང་........ཟེར་སླབ་ནི་ཡོད།
ཀོ་ཊར།
ཀོ།
ཕྱེད།
ཕྱེད་ཀོ།

5༽ སུམ་ཅུ་སོ་ལྔ་ལུ་........ཟེར་ཡང་སླབ་ནི་ཡོད།
ཁལ་ཀོ་དང་གཉིས།
ཁལ་ཀོ་དང་གསུམ།
ཁལ་ཕྱེད་དང་གཉིས།
ཁལ་ཀོ་དང་བཞི།

6༽ ༡༠༠,༠༠༠ འདི་...............ཨིན།
འབུམ་གཅིག
ས་ཡ་གཅིག
བྱེ་བ་གཅིག
ཁྲི་གཅིག

7༽ ༡༠༠༠,༠༠༠ འདི་...............ཨིན།
དུང་ཕྱུར་གཅིག
ས་ཡ་གཅིག
འབུམ་གཅིག
བྱེ་བ་གཅིག

8༽ ༡༠༠༠,༠༠༠,༠༠༠ འདི་...............ཨིན།
ཐེར་འབུམ་གཅིག
བྱེ་བ་གཅིག
དུང་ཕྱུར་གཅིག
ས་ཡ་གཅིག

9༽ བྱེ་བ་གཅིག་ཟེར་བ་ཅིན་ག་དེམ་ཅིག་སྨོ།
༡༠༠༠,༠༠༠,༠༠༠
༡༠,༠༠༠,༠༠༠
༡༠༠༠,༠༠༠
༡༠༠,༠༠༠,༠༠༠

10༽ ༡༠༠,༠༠༠,༠༠༠ འདི་་་་་་ཨིན།
དུང་ཕྱུར།
བྱེ་བ།
ཐེར་འབུམ།
འབུམ།

11༽ ཁོང་གཉིས་ལས་ག་འབད་རུང་.......ཤོག་ཟེར་སླབ་ཞིག
གཅིག
གཅི།
ཅིག
ཅི།

12༽ གྱངས་ཁ་རེ་གསུམ་ཟེར་བ་ཅིན་ག་དེམ་ཅིག་སྨོ།
༩༣
༣༣
༧༣
༦༣

13༽ ཟུང་གཅིག་ཟེར་བ་ཅིན་་་་་་ལུ་གོཝ་ཨིན།
ཆ་གཅིག
བཅུ་གཅིག
ཡ་གཅིག
ཆ་གཉིས།

14༽ ཁལ་ཆེན་གཅིག་ཟེར་བ་ཅིན་གྱངས་ཁ་་་་་་ལུ་གོཝ་ཨིན།
ཉིས་ཁྲི།
ཁལ་གཅིག
བརྒྱད་སྟོང།
བཞི་སྟོང།

15༽ ཁལ་ཆེན་ཉི་ཤུ་ལུ་་་་་་ཟེར་བརྩིཝ་ཨིན།
ཡང་ཆེན་ཉི་ཤུ།
ཁལ་ཉི་ཤུ།
ཁལ་ཆེན་ཆེན་པོ།
ཡང་ཆེན་གཅིག

16༽ ༩༠ གི་ཡིག་སྡེབ་འདི་དགུ་བཅུ་ཟེར་ཨིན་པ་ཅིན་ ༦༠ གི་ཡིག་སྡེབ་འདི་ག་དེ་སྦེ་སྨོ།
དྲུག་གཅུ།
དྲུ་གཅུ།
དྲུག་ཅུ།
དྲུག་བཅུ།

17༽ ཆུམ་ཕུད་ཏ་་་་་་་འབག་ཤོག
བདོ།
རྡོ།
དོ།
མདོ།

18༽ ཆུ་ཚོད་ཕྱེད་དང་ལྔ་ཟེར་མི་འདི་་་་་་་ལུ་གོཝ་ཨིན།
བཞི་དང་སྐར་མ་སུམ་ཅུ།
ལྔ་དང་སྐར་མ་སུམ་ཅུ།
དྲུག་དང་ཕྱེད།
ལྔ་དང་སྐར་མ་ལྔ།

19༽ ཤིང་རིང་ཐུང་དོམ་་་་་་སྦེ་མི་ཅིག་འབག་ཤོག
སྒང།
གངས།
གང་།
འགང་།

20༽ གྱངས་ཁ་ ༨༨ གི་ཡིག་སྡེབ་འདི་གདམ་ཁ་རྐྱབ།
བརྒྱད་ཅུ་གྱ་བརྒྱད།
བརྒྱད་བཅུ་གྱ་བརྒྱད།
བརྒྱདཔ་བཅུ་གྱ་བརྒྱད།
བརྒྱད་བཅུ་རྒྱ་བརྒྱད།