རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ སློབ་དཔོན་གྱིས་དཔེ་ཆ་…………དེས།
བརྟེན།
རྟེན།
སྟོན།
བསྟེན།

2༽ སངས་རྒྱས་ཀྱིས་གསུང་མིའི་ཆོས་འདི་……………ཨིན།
དཀའ།
བཀའ།
རྐ།
ཀ།

3༽ ཁྱིམ་……………ནུག
འགྲུབ།
དྲུབ།
གྲུབ།
བསྒྲུབས།

4༽ ཁོ་གིས་ཤིང་……………ཅི།
ལྟོགས།
བཏོགས།
རྟོགས།
གཏོགས།

5༽ སྦྱིན་པ་བཏང་པ་ཅིན་..........བསག།
ཚོགས།
མཚོ།
འཚོགས།
འཚོ།

6༽ མེ་ཏོག་གི་རྩ་བར་ཆུ་.............ནུག
ལུགས།
ཀླུ།
བླུགས།
གླུ།

7༽ ཚེས་བཅུ་གི་སྐབས་ལུ་............རྐྱབ་ནི་ཡོད།
ཕྱགསམ།
འཆམ།
འཁྱམ།
འཆམས།

8༽ སྒྲོམ་ནང་གི་ཅ་ལ་ཚུ་ ཕྱི་ཁར་..........དགོ་པས།
རྟེན།
བསྟེན།
སྟོན།
བཏོན།

9༽ སོ་སོར་ཁ་.........ནི་ཨིན།
འབྱེལ།
འབྱལ།
སྦྱེལ།
འཇལ།

10༽ ཁྱོད་ཀྱིས་གླུ་གཞས་ཅིག་.........གནང་།
འཐོན།
ཐོན།
འཐེན།
ཐེན།

11༽ ང་བཅས་གཉིས་ ལམ་ཁར…………ཅི།
ཕྱད།
ཆད།
ཕྱེད
ཕྱེ།

12༽ རྐང་རྩེད་རྩེ་བའི་སྐབས་ ཁོ་གིས་ང་.............བཏང་ཡི།
འཕོས།
འཕུར།
འཕུལ།
ཕུད།

13༽ ད་རེས་ལཱ་ག་ནི་ཡང་མེད་པར…………ཏེ་འབད་ར་མ་ཚུགས།
དབངམོ་ཉལ།
དབངཔོ་ཉལ།
ཨོམ་ངལ།
དབངཔོ་ངལ།

14༽ མུན་པ་…………བའི་སྒྲོན་མེ་ཨིན།
གསལ།
གསོལ།
བསལ།
སེལ།

15༽ གྱངས་ཁ་ ༥༥ གི་ཡིག་སྡེབ་འདི།
ལྔ་བཅུ་ང་ལྔ།
ལྔ་བཅུ་ལྔ་ལྔ།
ལྔ་བཅུ་ལྔ་ང།
ལྔ་ཅུ་ང་ལྔ།

16༽ ཚད་དང་བུ་ལོན་………།
མཇལ།
འཇལ།
འབྱལ།
འབྱེལ།

17༽ འབྲུག་གི་མི་སེར་ཚུ་…………བཟང་ནུག
བསྐལ་པ།
བཀལ་བ།
སྐལ་བ།
སྐྱེ་བ།

18༽ ཁྱོད་ཀྱིས་…………མི་ཡི་གུ་དང་ལག་རྟགས་འདི་ ང་གིས་ཐོབ་ཅི།
སྐལ།
བཀལ།
སྐྱེད།
བསྐྱལ།

19༽ ཁོ་གིས་ལན་…………སྦེ་སླབ་དེས།
རྒྱལ་ཞིང་རྒྱལཔ།
རྒྱས་ཤིང་རྒྱསཔ།
རྒྱས་ཞིང་རྒྱསཔ།
རྒྱལ་ཤིང་རྒྱལཔ།

20༽ ཁོང་……………ལས་འོངས་འོངསམ་སྨོ།
ག་ཏེ།
ག་ལྟེ།
ག་སྟེ།
ག་ཏི།