རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད།

དྲི་བ་ག་ར་གི་ལན་གདམ་ཁ་རྐྱབ་སྟེ་ སྤྲོད་གུ་ཨེབ་གནང།

1༽ རྫོང་ཁའི་ཡི་གུ་ལུ་ དབྱངས་ག་དེམ་ཅིག་ཡོདཔ་སྨོ།

2༽ རྫོང་ཁའི་ཡི་གུ་ལུ་ གསལ་བྱེད་ག་དེམ་ཅིག་ཡོདཔ་སྨོ།
༢༦
༣༠
༣༥
༣༢

3༽ རྫོང་ཁའི་དབྱངས་ག་ཅི་ར་སྨོ།
ཨ། ཨི། ཨུ། ཨོ།
ཨཱི། ཨཱུ། ཨཱེ། ཨཱོ།
ཨ། ཨི། ཨཱ། ཨོ།
ཨི། ཨུ། ཨེ། ཨོ།

4༽ རྫོང་ཁའི་གསལ་བྱེད་ཀྱི་ཡི་གུ་ག་ཅི་ར་སྨོ།
ཀ་ཁ་ག་ང་། ཙ་ཚ་ཛ་ཝ། ཏ་ཐ་ད་ན། པ་ཕ་བ་མ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།
ཀ་ཁ་ག་གྷ་ང་། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཙ་ཚ་ཛ་ཛྷ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས་། ཧ་ཨ།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ཋ་ད་ཌ་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།

5༽ ཊ། ཋ། ཌ། ཎ། ཥ། ཚུ་………ཨིན།
བརྩེགས་ཡིག
མཐུག་ཡིག
ལོག་ཡིག
འདོགས་ཡིག

6༽ སྔོན་འཇུག་ རྗེས་འཇུག ཡང་འཇུག དབྱངས་དང་བརྩེགས་འདོགས་ག་ར་གི་གཞི་བརྟེན་ས་དང་རྐྱང་པ་སྦེ་ཡོད་པའི་ཡི་གུ་འདི་ག་ཅི་སྨོ།
རྗེས་འཇུག
སྔོན་འཇུག
ཡང་འཇུག
མིང་གཞི།

7༽ གསལ་བྱེད་སུམ་ཅུ་ཐམ་པ་ག་ར་ མིང་གཞི་ཨིན་ན།
ལ་ལུ་ཅིག་ཨིན།
ངེས་པ་མེད།
མེན།
ཨིན།

8༽ མིང་གཞིའི་ཡི་གུའི་ཧེ་མ་འཇུག་མི་འདི་………………ཨིན།
སྔོན་འཇུག
རྗེས་འཇུག
མིང་གཞི།
ཡང་འཇུག

9༽ སྔོན་འཇུག་གི་ཡི་གུ་ག་ཅི་ར་སྨོ།
ག་ད་བ་མ་འ།
ཀྱི་གྱི་གི་ཡི་འི།
ད་བ་ས་ན་མ་ར།
ག་ང་ད་ན་བ་མ་འ་ར་ལ་ས།

10༽ སྔོན་འཇུག་རྩ་ལས་མ་འཇུག་པའི་གསལ་བྱེད་ག་དེམ་ཅིག་ཡོད།
དགུ་ཡོད།
གསུམ་ཡོད།
ལྔ་ཡོད།
དྲུག་ཡོད།

11༽ རྗེས་འཇུག་འདི་………………འཇུགཔ་ཨིན།
མིང་གཞིའི་ཡི་གུ་ཚུ་གི་བར་ན།
སྔོན་འཇུག་གི་ཤུལ་མ།
མིང་གཞིའི་ཡི་གུ་ཚུ་གི་ཧེ་མ།
མིང་གཞིའི་ཡི་གུ་ཚུ་གི་ཤུལ་མ།

12༽ རྗེས་འཇུག་གི་ཤུལ་མར་འཇུག་པའི་ཡི་གུ་འདི་ག་ཅི་སྨོ།
སྔོན་འཇུག་ཨིན།
རྗེས་འཇུག་ཨིན།
ཡང་འཇུག་ཨིན།
མིང་གཞི་ཨིན།

13༽ རྗེས་འཇུག་གི་ཡི་གུ་ག་ཅི་ར་སྨོ།
ག་ང་ད་ན་བ་མ་འ་ར་ལ་ས།
ག་ང་ཏ་ད་ན་བ་མ་ར་ལ་ས།
ཀ་ག་ང་ད་བ་མ་འ་ར་ལ་ས།
ག་ང་ད་ན་པ་བ་མ་ར་ལ་ས།

14༽ རྫོང་ཁའི་ཡང་འཇུག་ངོས་འཛིན་འབད།
ད་ས།
ས།
ད།

15༽ དབྱངས་འདོགས་བརྩེགས་གསུམ་མེད་པའི་ཡིག་འབྲུ་གཅིག་ནང་ལུ་ གསལ་བྱེད་ཀྱི་ཡི་གུ་གཉིས་ཡོད་པ་ཅིན་……………ཨིན།
སྔ་མ་མིང་གཞི། ཕྱི་མ་རྗེས་འཇུག་ཡང་ན་མིང་མཐའ།
སྔ་མ་རྗེས་འཇུག་དང་ཕྱི་མ་ཡང་འཇུག
སྔ་མ་སྔོན་འཇུག་དང་ཕྱི་མ་མིང་གཞི།
སྔ་མ་མིང་གཞི་དང་ཕྱི་མ་ཡང་འཇུག

16༽ དགའ་ཟེར་བའི་ཚིག་ནང་སྔོན་འཇུག་གི་ཡི་གུ་ངོས་འཛིན་འབད།
དག

17༽ རྒྱུད་མངས་ཟེར་བའི་སྐབས་ ཡིག་འབྲུ་མངས་ཀྱི་མིང་གཞི་འདི་.............ཨིན།
ང་།
མང་།
མ་དང་ང་།
མ།

18༽ རི་དྭགས་ཟེར་བའི་སྐབས་ ཡིག་འབྲུ་དྭགས་ཀྱི་རྗེས་འཇུག་ངོས་འཛིན་འབད།

19༽ བསྒྲུབས། ཟེར་མི་ཚིག་ལུ་བལྟ་སྟེ་ འོག་ལུ་བཀོད་ཡོད་པའི་བརྗོད་པ་བཞི་ལས་མ་བདེན་མི་འདི་གདམ་ཁ་རྐྱབ།
ས་གཉིས་པམ་འདི་ཡང་འཇུག་ཨིན།
བ་དང་པམ་འདི་སྔོན་འཇུག་དང་གཉིས་པམ་འདི་རྗེས་འཇུག་ཨིན།
ག་མིང་གཞི་ཨིན།
ས་དང་པམ་འདི་མིང་གཞི་ཨིན།

20༽ མི་འཇུག་པའི་ཡི་གུ་ག་ཅི་ར་སྨོ།
ག་ད་བ་མ་འ།
ས།
ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ།
ག་ང་ད་ན་བ་མ་འ་ར་ལ་ས།