གནས་ཚུལ།

མི་དབང་རྒྱལ་སྲས་མཆོག་གི་འཁྲུངས་སྐར་དུས་སྟོན་དང་པའི་ལེགས་སྨོན།

བཙུགས་ཚེས: ༢༠༡༧-༠༢-༠༣

༊ ད་རེས་ སྤྱི་ལོ་ ༢༠༡༧ ཟླ་ ༢ པའི་ཚེས་ ༥ འདི་ འབྲུག་མི་བསོད་ནམས་སྤྱི་མཐུན་ལས་གྲུབ་པའི་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྐུ་ཡི་འཁྲུངས་སྐར་ཐོག་མར་དབུ་བརྙེས་པའི་ སྐལ་པ་བཟང་པོའི་ཉིནམ་ཨིནམ་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྒོ་གསུམ་གུས་པ་ཆེན་པོའི་སྒོ་ལས་ བཀྲིས་བདེ་ལེགས་ཞུ་ནི་དང་འབྲེལ་ རྒྱལ་བརྒྱུད་ཆུ་ལས་རིང་ སྐུ་སྲོག་བྲག་ལས་བརྟན་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ བསྐལ་པ་མ་སྟོང་གི་བར་དུ་ ཞི་བདེ་དང་དགའ་སྐྱིད་གནས་བཅུག་ཟེར་སྨོན་འདེབས་ཕུལཝ་ཨིན།

 མི་དབང་རྒྱལ་སྲས་སྐུ་ཚེ་རིང་བར་ཤོག།