གནས་ཚུལ།

རྫོང་ཁ་ཡུ་ནི་ཀོཊ་དང་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཐངས་ཀྱི་གོ་བསྡུར་ཞལ་འཛོམས།

བཙུགས་ཚེས: ༢༠༡༦-༠༦-༡༧

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ཚེས་ ༡༠/༠༦/༢༠༡༦ ལུ་རྫོང་ཁའི་ཡུ་ནི་ཀོཊ་གི་གོ་བསྡུར་ཞལ་འཛོམས་དང་ སྤྱི་ཚེས་ ༡༣/༠༦/༢༠༡༦ ལུ་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཐངས་ཀྱི་གོ་བསྡུར་ཞལ་འཛོམས་འགོ་འདྲེན་འཐབ་མིའི་་ནང་ ཐིམ་ཕུག་ནང་འཁོད་ཀྱི་ལྷན་ཁག་དང་ལས་སྡེ་ཁག་གི་བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་ཡི།

རྫོང་ཁའི་ཡུ་ནི་ཀོཊ་གི་གོ་བསྡུར་ཞལ་འརྫོམས་ཀྱི་སྐབས་ལུ་ འོག་གི་གནད་དོན་ཚུ་ལུ་གཙོ་བོར་བཏོན་ཏེ་སྟོན་ཕུལ་ཡི།

༡༽ གློག་རིག་གི་རིམ་ལུགས་མ་འདྲཝ་ཚུ་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་ཐངས།
༢༽ གློག་ཐོག་གི་ཚིག་མཛོད་བཙུགས་ཐངས། རིམ་སྒྲིག་འབད་ཐངས་དང་ལག་ལེན་འཐབ་ཐངས།
༣༽ དཔེ་ཆ་བཟོ་ཐངས་དང་པར་བཏབ་ཐངས།
༤༽ འགྲུལ་འཕྲིན་ཚུ་ནང་རྫོང་ཁའི་ཞབས་ཏོག་ཚུ་གི་སྐོར།
༥༽ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོའིའགྲེམས་སྟོན།

 རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཐངས་ཀྱི་གོ་བསྡུར་ཞལ་འཛོམས་ཀྱི་སྐབས་ འོག་གི་དོན་ཚན་ཚུ་གུ་གཙོ་བོར་བཏོན་ཏེ་གྲོས་བསྡུར་འབད་ཡི།

༡༽ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོཝ་ད་ སེམས་ཁར་བཞག་དགོ་པའི་འཕྲུལ་རིག་གི་ཁྱད་རྣམ་ཚུ།
༢༽ ཝཊ་པྲེས་ལག་ལེན་འཐབ་ཐོག་ལས་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཐངས།
༣༽ ཇུམ་ལ་ལག་ལེན་འཐབ་ཐོག་ལས་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཐངས།
༤༽ དྲུ་པལ་ལག་ལེན་འཐབ་ཐོག་ལས་རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་བཟོ་ཐངས།