གསལ་བསྒྲགས།

ལས་རིམ་གཙོ་འཛིན་འགོ་དཔོན་གྱི་དོན་ལུ་ གདམ་འཐུའི་ཕྱི་སེལ་འབད་ཡོདཔ།

ཚེས: ༢༠༡༦-༠༩-༢༡

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལས་རིམ་གཙོ་འཛིན་འགོ་དཔོན་གྱི་དོན་ལུ་ཞུ་ཡིག་བཙུགས་མི་གཉིས་གདམ་འཐུའི་ཕྱི་སེལ་འབད་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཕྱི་སེལ་གྲུབ་འབྲས་དེ་ཡང་འབྲེལ་ཡོད་མི་ངོམ་ཚུ་ལུ་གློག་འཕྲིན་དང་བརྒྱུད་འཕྲིན་ཐོག་ལས་བརྡ་དོན་སྤྲོད་ཡོད།

ཕྱི་སེལ་གྲུབ་པའི་མི་ངོམ་ཚུ་ མཐའ་དཔྱད་གདམ་འཐུའི་དྲི་ལན་གྱི་དོན་ལུ་ ས་གནས་ཀ་ཝང་བྱང་སར་ཡོད་པའི་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡིག་ཚང་ནང་ སྤྱི་ཚེས་ ༢༩/༠༩/༢༠༡༦ གི་དྲོ་པ་ཆུ་ཚོད་ ༩.༠༠ ལུ་ རང་སོའི་མཁོ་ཆེ་བའི་ཡིག་ཆ་ངོ་མ་ཚུ་འབག་སྟེ་འོང་དགོ།

གསལ་བསྒྲགས་དང་འཁྲིལ་ཏེ་ གོ་གནས་ཀྱི་དོན་ལུ་ཞུ་ཡིག་བཙུགས་མི་ཡོངས་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་བཀྲིན་ཆེ་ཟེར་ཞུ་ནི་ཨིན།