གསལ་བསྒྲགས།

ས་སྟོང་གསལ་བསྒྲགས་སླར་ལོག

ཚེས: ༢༠༡༦-༠༨-༡༨

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གི་དོན་ལུ་ གཤམ་གསལ་ས་སྟོང་ཡོད་པའི་གསལ་བསྒྲགས་སླར་ལོག་འབདཝ་ཨིན།

ཨང་

གོ་གནས་མིང་

གོ་གནས་དབྱེ་རིམ་

གྲངས་

སྡེ་ཚན།

ཤེས་ཚད།

ལས་རིམ་གཙོ་འཛིན་འགོ་དཔོན།

ཁྱད་འཛིན་༡པ།

ལས་རིམ་སྡེ་ཚན།

ཉུང་མཐའ་གཙུག་ལག་གཞི་རིམ་མཐར་འཁྱོལ་མི་དགོ།

གཙུག་ལག་གོང་མའི་ཤེས་ཚད་ཡོད་མི་ལུ་གོ་སྐབས་འཐེབ་ཡོད།

སྐད་ཡིག་གོང་འཕེལ་གཙོ་འཛིན་འགོ་དཔོན།

ཁྱད་འཛིན་༡པ།

རྩོམ་རིག་སྡེ་ཚན།

གོང་གི་གོ་གནས་ཀྱི་དོན་ལུ་ དབྱེ་རིམ་གཅིག་གི་དམའ་མི་ཚུ་གིས་བཅའ་མར་གཏོགས་ཆོག་ནི་དང་ ཁྱད་ཆོས་ཚང་མི་དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་གིས་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༢ ལེའུ་ ༡༣ པའི་དོན་ཚན་ ༡༣.༧ དང་འཁྲིལ་ཏེ་ སྤྱི་ཚེས་ ༠༢/༠༩/༢༠༡༦ ནང་འཁོད་ མི་སྟོབས་འགོ་དཔོན་ལུ་གཤམ་འཁོད་ཡིག་ཆ་དང་སྦྲགས་ཏེ་ཞུ་ཡིག་བཙུགས་གནང་།

  1. ཞུ་ཡིག་དང་གཅིག་ཁར་འབྲེལ་བ་འཐབ་སའི་འགྲུལ་འཕྲིན་ཨང་དང་ལམ་ཡིག་ཚད་གཞིའི་ངོ་པར།
  2. ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  3. དྲིས་ལན་གྱི་དུས་ཡུན་རིང་དུས་ཚོད་ཡོད་པའི་ཉེན་སྲུང་དང་རྩིས་ཞིབ་ཉོགས་མེད་ལག་ཁྱེར།
  4. གཟུགས་ཁམས་འཕྲོད་བསྟེན་གྱི་ལག་ཁྱེར།
  5. རང་གི་ལས་སྡེ་ལས་ཉོགས་མེད་ཡི་གུ།
  6. འབྲེལ་ཡོད་སྦྱོང་བརྡར་ཚུ་གི་ལག་ཁྱེར།
  7. གོ་གནས་ཡར་སེང་མཇུག་ཐོབ་པའི་ཡིག་ཚང་བཀའ་རྒྱ།
  8. དམིགས་བསལ་ངལ་གསོ་དང་སྐབས་གཡོག་གི་ནང་འགྱོ་འགྱོ་ཝ་ཡོད་པ་ཅིན་བཀའ་རྒྱའི་འདྲ།
  9. དུས་མཐུན་བཟོ་བའི་ཞི་གཡོག་བརྡ་དོན་རིམ་ལུགས་ཀྱི་ཁ་བྱང་འདྲ།
  10. ལོ་ངོ་༢ཀྱི་ལཱ་གི་གྲུབ་འབྲས་འབྲི་ཤོག་འདྲ།
  11. ཕྱི་སེལ་གྲུབ་པའི་མི་ངོམ་ཚུ་ལུ་ ཆོས་རྒྱུགས་ཀྱི་དུས་ཚོད་དང་ས་གནས་ཚུ་ རྫོང་གོང་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ www.dzongkha.gov.bt ནང་གསལ་བསྒྲགས་འབད་ནི།

ཕྱི་སེལ་གྱི་དོན་ལུ་ འབྲེལ་ཡོད་ཤེས་ཚད་དང་ལཱ་གི་ཉམས་མྱོང་ཡོད་མི་ལུ་གོ་སྐབས་བྱིན་ནི་ཨིན། ཁ་གསལ་མཁྱེན་འདོད་ཡོད་མི་ཚུ་གིས་ བརྒྱུད་འཕྲིན་ཨང་ ༣༢༢༦༦༣ ལུ་མི་སྟོབས་ལས་ཚན་དང་འབྲེལ་བ་འཐབ་གནང། TOR གི་དོན་ལུ་འོག་གི་འབྲེལ་མཐུད་གུ་ཨེབ་གནང།
༡༽ སྐད་ཡིག་གོང་འཕེལ་གཙོ་འཛིན་འགོ་དཔོན།

༢༽  ལས་རིམ་གཙོ་འཛིན་འགོ་དཔོན།