གསལ་བསྒྲགས།

བརྡ་དོན་འཕྲུལ་རིག་གི་དྲག༌ཤོས༌ངོས༌འཛིན།

ཚེས: ༢༠༡༥-༠༤-༡༣

བརྒྱུད་འབྲེལ་ལྷན་ཁག་འོག་གི་བརྡ་བརྒྱུད་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་ཀྱིས་ མི་ངོ་རང་སོ་དང་ ཡང་ན་ ལས་སྡེ་ཁག་ཚུ་ནང་ལས་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་ མི་སྡེའི་ནང་ལུ་ གལ་གནད་ཅན་གྱི་ལཱ་འགན་འབག་སྟེ་ཡོད་མི་ཚུ་ངོས་འཛིན་འབད་གནང་ཟེར་ཞུ་ནི།

མི་ངོམ་ཚུ་གི་གྲལ་ལས་ ཁྱད་དུ་འཕགས་པའི་ཞབས་ཏོག་ཕུལ་ཡོད་མི་འདི་ལུ་ སྤྱི་ལོ་ ༢༠༡༥ ཟླ་ ༥ པའི་ཚེས་ ༡༧ ལུ་ འཛམ་གླིང་བརྒྱུད་འཕྲིན་དང་བརྡ་དོན་མི་སྡེའི་ཉིནམ་འདི་ཁར་ ངོས་འཛིན་དང་གསོལ་ར་ཚུ་གནང་ནི་ཨིན། དེ་གི་དོན་ལུ་ མི་ངོམ་ངོས་འཛིན་འབད་ནིའི་ཚེས་གྲངས་ཡང་ སྤྱི་ལོ་ ༢༠༡༥ ཟླ་ ༤ པའི་ཚེས་ ༩ ལས་ ༣༠ ཚུན་ཨིན།

བཙག་འཐུའི་ཚད་གཞི་ཚུ་ཡང་གཤམ་གསལ་དོན་ཚན་ཚུ་གུ་གཞི་བཞག་ནི་ཨིན།

༡ ལག་ལེན་འཐབ་དགོ་བདེ་ཏོག་ཏོ་ཡོདཔ།

༢ ལཱ་གཡོག་གོ་སྐབས་བཏོན་པ།

༣ དངོས་སུ་ལག་ལེན།

༤ མི་སྡེ་ལུ་ཕན་གནོད། ལམ་ལུགས་སྲོལ་དང་། ཞབས་ཏོག་མཁོ་སྤྲོད། ལས་སྡེ་གཙོ་སྟོན།

འདེམས་ངོའི་འབྲེལ་མཐུད། https://www.surveymonkey.com/s/FLM2JVZ