རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད་རིམ་ལུགས།

ངོ་སྤྲོད།

རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་འདི་གིས་ ལག་ལེན་པ་རང་སོའི་རྫོང་ཁའི་ལྕོགས་གྲུབ་བརྟག་དཔྱད་འབད་དེ་ མ་ཤེས་མི་ཚུ་ལྷབ་ཚུགསཔ་བཟོཝ་ཨིན། རིམ་ལུགས་འདི་ནང་ རྫོང་ཁའི་བརྡ་སྦྱོར་དང་ཡིག་སྡེབ། ཞེ་ས་དང་ཨང་གྲངས་ལ་སོགས་པའི་ཐོག་ལུ་ ལན་གདམ་ཁ་རྐྱབ་ནི་ཡོད་པའི་དྲི་བ་ཚུ་ཚུད་དེ་ཡོད།

རིམ་ལུགས་འདི་ མི་མང་ཞབས་ཏོག་ཡར་རྒྱས་གཏང་ནི་ལུ་དམིགས་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གིས་འབྲུག་གི་བློན་ཆེན་ཡིག་ཚང་འོག་གི་གཞུང་ལས་མི་སེར་ཞབས་ཏོག་ཡིག་ཚང་དང་མཉམ་འབྲེལ་འབད་ཐོག་ལས་བཟོ་བཟོཝ་ཨིན།

ཁྱད་ཆོས།

  • རིམ་ལུགས་འདི་ལག་ལེན་འཐབ་ནིའི་དོན་ལུ་ཡོངས་འབྲེལ་མི་དགོ།
  • དོན་ཚན་༡༣ ནང་ཚུད་པའི་ ལན་གདམ་ཁ་བརྐྱབ་ནི་ཡོད་པའི་དྲི་བ་༢༦༠ ཡོད།
  • ཆོས་རྒྱུགས་འདི་ དོན་ཚན་ཡང་ན་རིམ་པ་དང་འཁྲིལ་ཏེ་ཕུལ་བཏུབ།
  • དོན་ཚན་རེ་ནང་དྲི་བ་༢༠ རེ་ཡོད།
  • རིམ་པ་རེ་ནང་དྲི་བ་༡༣ རེ་ཡོད། བསྡོམས་ཀྱི་རིམ་པ་༢༠ ཡོད།.
  • ཧེ་མམ་གི་རིམ་པའི་རྒྱུགས་ཕུལ་ཚར་ཞིནམ་ལས་རྐྱངམ་གཅིག་ ཤུལ་མའི་རིམ་པའི་རྒྱུགས་ཕུལ་བཏུབ།
  • ཆོས་རྒྱུགས་འདི་མཇུག་བསྡུཝ་ད་ ལན་འཛོལ་ཏེ་ཡོད་པའི་དྲི་བ་ཚུ་གི་ ལན་ངེས་བདེན་དང་ཁ་གསལ་ཚུ་སྟོན་འོང།

ཕབ་ལེན་འབད།

ཨེན་ཌོའིཌ

ཐོན་རིམ། ༠.༠༢ - ༠༨/༡༢/༢༠༡༦

ཨན་དྲོའིཊ་གི་ཐོན་རིམ་ ༤་༤་༢ དང་ཡན་ཆད་དགོ།

ཨའི་ཨོ་ཨེས

ཐོན་རིམ། ༠.༠.༢ - ༡༧/༠༩/༢༠༡༦

ཨའི་ཨོ་ཨེས་གི་ཐོན་རིམ་ ༨.༠ ལས་ཡན་ཆད་དགོ།

རིམ་ལུགས་འདི་ ད་ལྟོ་བརྟག་དཔྱད་འབད་བའི་བསྒང་ཨིནམ་ལས་ བསམ་འཆར་ཚུ་བཀོད་གནང།