གློག་རིག་ལག་ལེན་རིམ་ལུགས་ ཝིན་ཌོསི་ ༡༠ གི་ནང་ལུ་ རྫོང་ཁའི་ལྡེ་སྒྲོམ་སྒྲིག་བཀོད་དང་ གློག་ཐོག་ངོ་རྟགས་བརྡ་དོན། ༼dz-BT Locale༽

མའི་ཀོརོ་སོཕཊ་ལས་འཛིན་གྱིས་ གློག་རིག་ལག་ལེན་རིམ་ལུགས་ ཝིན་ཌོསི་ ༡༠ འདི་སྤྱི་ཚེས་ ༢༩/༠༧/༢༠༡༥ ལུ་གསར་བཏོན་འབད་ཡོདཔ་ཨིན། ད་རེས་ཀྱི་གསར་བཏོན་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཟོ་སྟེ་ མའི་ཀོརོ་སོཕཊ་ལས་འཛིན་ལུ་སྤྲོད་ཡོད་པའི་ འབྲུག་གཞུང་རྫོང་ཁའི་ལྡེ་སྒྲོམ་དང་ གློག་ཐོག་ངོ་རྟགས་བརྡ་དོན་གྱི་ལམ་ལུགས་འདི་ཚུད་དེ་ཡོད།

ལག་ལེན་འཐབ་མི་ཚུ་གིས་ ད་ལས་ཕར་ རྫོང་ཁའི་ལྡེ་སྒྲོམ་དང་ གློག་ཐོག་ངོ་རྟགས་བརྡ་དོན་དེ་ སྔོན་མའི་ཝིན་ཌོསི་རིམ་ལུགས་ཚུ་ནང་བཟུམ་སྦེ་ ལོགས་སུ་སྦེ་བཙུགས་མི་དགོ།

ཝཱཌ་དང་ རིམ་ལུགས་གཞན་ནང་ རྫོང་ཁའི་ཡི་གུ་ཚུ་ ཝིན་ཌོསི་ ༧ དང་ ཝིན་ཌོསི་ ༨ ནང་ ཊི་བེ་ཊེན་སྦེ་དང་ ཝིན་ཌོསི་ ཨེགསི་པི་ནང་ ཨའིསི་ལེན་ཌིག་སྦེ་མེན་པར་ རྫོང་ཁ་སྦེ་ར་ངོས་འཛིན་འབད་ཚུགས་ནི་ཨིན་མས།

ཝཱཌ་དང་ རིམ་ལུགས་གཞན་ནང་ རྫོང་ཁའི་ཡི་གུ་ཚུ་ ཝིན་ཌོསི་ ༧ དང་ ཝིན་ཌོསི་ ༨ ནང་ ཊི་བེ་ཊེན་སྦེ་དང་ ཝིན་ཌོསི་ ཨེགསི་པི་ནང་ ཨའིསི་ལེན་ཌིག་སྦེ་མེན་པར་ རྫོང་ཁ་སྦེ་ར་ངོས་འཛིན་འབད་ཚུགས་ནི་ཨིན་མས། དེ་མ་ཚད་ གློག་རིག་ནང་ གློག་ཐོག་ངོ་རྟགས་བརྡ་དོན་ལམ་ལུགས་འདི་ ཚུལ་མཐུན་སྦེ་རིམ་སྒྲིག་འབད་བ་ཅིན་ ཚེས་གྲངས་དང་ ཨང་ཡིག་ དེ་ལས་ལམ་ལུགས་གཞན་ཚུ་ཡང་ འབྲུག་ལུགས་ལྟར་ ལེགས་ཤོམ་སྦེ་གསལ་སྟོན་འབད་འོང་།

རྫོང་ཁའི་ལྡེ་སྒྲོམ་དང་ སྐད་ཡིག་བཙུགས་ཐངས།

ཝིན་ཌོསི་༡༠ གསརཔ་མ་བཙུགས་པའི་ཧེ་མ་ ཁྱོད་རའི་གློག་རིག་ནང་སྔོན་མ་ལས་ རྫོང་ཁའི་ལྡེ་སྒྲོམ་བཙུགས་ཡོད་མི་བཏོན་བཀོ་སྦེ་ གཤམ་གསལ་ གློག་རིག་ལྡེ་སྒྲོམ་བཙུགས་ནིའི་གོ་རིམ་ལྟར་འབད་དགོ།

  1. གཡོན་ཕྱོགས་ལུ་ ཝིན་ཌོ་འགོ་བཙུགས་ Start ནང་ཨེབ་ཞིནམ་ལས་ Settings གུ་ཨེབ་དགོ།
  2. Setting གི་ཤོག་ལེབ་ནང་ Time & language སྡེ་ཚན་ནང་ཨེབ་དགོ།
  3. Time & language གི་ཤོག་ལེབ་ནང་ན་ Region & language ཐོ་གུ་ཨེབ་དགོ། དེ་ལས་ རྒྱལ་ཁབ་མིང་གི་འོག་ལུ་ཡོད་པའི་འདེམས་ཐོའི་གྲས་ལས་ Bhutan འདི་གདམ་ཁ་རྐྱབ་དགོ།
  4. དེ་ལས་ + རྟགས་གུ་ཨེབ་སྟེ་ ཁ་སྐད་ཅིག་བཙུགས་གདམ་འཐུ་འབད་དགོ།
  5. དེའི་འོག་གི་ཐོ་ནང་ལས་ Dzongkha འདི་འཚོལ་ཞིནམ་ལས་ འདི་གུ་ཨེབ་སྟེ་གདམ་འཐུ་འབད་དགོ།
  6. དེའི་འོག་ལུ་ཡོད་པའི་ Options གུ་ཨེབ་པ་ཅིན་ རྫོང་ཁའི་ལྡེ་སྒྲོམ་འདི་ ལག་ལེན་འཐབ་བཏུབཔ་སྦེ་ཚུདཔ་ཨིན།
  7. དེ་ཤུལ་ལྡེ་སྒྲོམ་བཙུགས་ནིའི་དོན་ལུ་ + གུ་ཨེབ་པའི་ཤུལ་ལུ་ཐོ་ཅིག་འཐོན་མིའི་ནང་ལས་ Dzongkha འདི་གུ་ཨེབ་དགོ། དེ་གིས་ རྫོང་ཁའི་ལྡེ་སྒྲོམ་འདི་ལག་ལེན་འཐབ་ཚུགསཔ་སྦེ་བཟོཝ་ཨིན།
  8. ཁྱོད་ར་གིས་ལཱ་ཚུ་མངམ་ར་ རྫོང་ཁའི་ཐོག་ལས་འབད་བ་ཅིན་ གཏན་རྐྱང་ར་རྫོང་ཁའི་ལྡེ་སྒྲོམ་འཐོན་ནིའི་དོན་ལུ་ Set as default གུ་ཨེབ་དགོ།
  9. རྫོང་ཁའི་ནང་ལཱ་འབད་ནིའི་དོན་ལུ་ རྫོང་ཁའི་གློག་རིག་ལྡེ་སྒྲོམ་འདི་ གློག་གདོང་གི་གཡས་ཕྱོགས་འོག་ལུ་ ལྡེ་སྒྲོམ་ཐོའི་གྲངས་སུ་ཚུད་ཡོད་ས་ལས་ གདམ་འཐུ་འབད་དེ་ལག་ལེན་འཐབ་ཚུགས། དེ་མེན་རུང་ ཁྱོད་ཀྱིས་གློག་རིག་ལྡེ་སྒྲོམ་ལས་ Shift དང་ Alt གཉིས་གཅིག་ཁར་ཨེབ་རུང་ཐོན་འོངམ་མ་ཚད་ རྫོང་ཁ་དང་ཁ་སྐད་གཞན་གྱི་ལྡེ་སྒྲོམ་ཚུ་ཡང་ འདི་ཨེབ་ཐོག་ སོར་ཏེ་ལག་ལེན་འཐབ་ཚུགས།
  10.  


གློག་རིག་ནང་ ངོ་རྟགས་བརྡ་དོན་ལམ་ལུགས་(dz-BT locale)ཐོག་ལས་ ཚེས་གྲངས་དང་ དུས་ཚོད་ ཨང་ཡིག་ དེ་ལས་ དངུལ་གྱི་རིམ་སྒྲིག་འབད་ཐངས།

ཚེས་གྲངས་དང་ དུས་ཚོད་ ཨང་ཡིག་ དེ་ལས་ དངུལ་གྱི་རིམ་སྒྲིག་དོན་ལུ་ གཤམ་འཁོད་འབད་ཐངས་ཚུ་ལག་ལེན་འཐབ་དགོ།

  1. གཡོན་ཕྱོགས་ལུ་ ཝིན་ཌོ་འགོ་བཙུགས་ Start ནང་ཨེབ་ཞིནམ་ལས་ Settings གུ་ཨེབ་དགོ།
  2. Setting གི་ཤོག་ལེབ་ནང་ Time & language སྡེ་ཚན་ནང་ཨེབ་དགོ།
  3. Time & language གི་ཤོག་ལེབ་ནང་ན་ Date & time ཐོ་གུ་ཨེབ་དགོ། དེ་ལས་དུས་ཚོད་ཀྱི་དོན་ལུ་ (UTC+06:00) Dhaka གུ་ཨེབ་པ་ཅིན་ ཌཱ་ཀའི་དུས་ཚོད་འཐོན་འོང་།
  4.  

  5. དེ་ལས་ཁ་མར་འགྱོ་སྟེ་ Related settings འཚོལ་འཐོབཔ་ད་ Additional date, time, & regional settings གུ་ཨེབ་དགོ།.
  6. དེ་བསྒང་ Clock, Language and Region ཤོག་ལེབ་འཐོན་འོང། དེ་ནང་ change date, time or number formats གུ་ཨེབ་དགོ།
  7. དེ་ནང་གི་ཐོའི་ནང་ལས་ Dzongkha (Bhutan) འདི་གདམ་འཐུ་འབད་དེ་ Additional settings གུ་ཨེབ་དགོ། ཚེས་གྲངས་དང་ དུས་ཚོད་ཀྱི་རིམ་སྒྲིག་འདི་ ཁྱོད་ར་གི་ག་དགོ་མི་ལྟར་དུ་ཡང་གདམ་ཁ་རྐྱབ་ཚུགས།
  8. དེ་ནང་ ༠༡༢༣༤༥༦༧༨༩ འདི་ཚད་ལྡན་ཨང་གྲངས་སྦེ་གདམ་འཐུ་འབད་དགོ། དེ་ལས་ Apply དང་ OK ཨེབ་དགོ།
  9. དེ་ཤུལ་ Location ནང་ཨེབ་སྟེ་ Home location འོག་ལུ་ Bhutan གདམ་འཐུ་འབད་དེ་ OK ཨེབ་དགོ།
  10. དེ་ཚུ་འབད་ཚརཝ་ད་ ཚེས་གྲངས་དང་ ཨང་ཡིག་ དེ་ལས་དུ་ཚོད་ཚུ་ གཤམ་ལུ་བཟུམ་སྦེ་མཐོང་ཚུགསཔ་ཨིན།