ཨ་ལུའི་དོན་ལུ་རྫོང་ཁའི་རིམ་ལུགས།

ངོ་སྤྲོད།

རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་འདི་གིས་ མཐོང་ཐོས་ཀྱི་སྒོ་ལས་ཨ་ལུ་ཚུ་ལུ་ རྫོང་ཁའི་ཡི་གུ་དང་ཨང་གྲངས། གཞི་རྟེན་མིང་ཚིག་ཚུ་ ཡིག་སྡེབ་དང་རྗོད་སྒྲ་སྦྲགས་ཏེ་ལྷབ་ཚུགསཔ་བཟོཝ་ཨིན། ཨ་ལུ་ཚུ་ ད་རེས་ནང་པ་འགྲུལ་འཕྲིན་ལག་ལེན་འཐབ་ནི་ལུ་སྤྲོ་བ་ཡོདཔ་ལས་ རིམ་ལུགས་འདི་འབྲུག་པའི་ཨ་ལུ་ཚུ་གིས་རྫོང་ཁ་ལྷབ་ཚུགསཔ་བཟོ་ནི་ལུ་དམིགས་ཏེ་བཟོ་བཟོཝ་ཨིན།

རིམ་ལུགས་འདི་ མི་མང་ཞབས་ཏོག་ཡར་རྒྱས་གཏང་ནི་ལུ་དམིགས་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་་གིས་འབྲུག་གི་བློན་ཆེན་ཡིག་ཚང་འོག་གི་གཞུང་ལས་མི་སེར་ཞབས་ཏོག་ཡིག་ཚང་དང་མཉམ་འབྲེལ་ཐོག་ལས་བཟོ་བཟོཝ་ཨིན།

ཁྱད་ཆོས།

  • རིམ་ལུགས་འདི་ལག་ལེན་འཐབ་ནིའི་དོན་ལུ་ཡོངས་འབྲེལ་མི་དགོ།
  • རིམ་ལུགས་འདི་ནང་དབྱེ་ཁག་༢༠ ཡོད། དབྱེ་ཁག་མང་ཤོས་ཅིག་ནང་ལུ་ལྷབ་ནི། རྩེདམོ་རྩེ་ནི། རིག་བསྡུར་དྲིས་ལན་ཚུ་ཡོད།
  • ལྷབ་ནིའི་དོན་ལུ་ པར་རིས་དང་སྒྲ། ཡི་གུ། ཨང་གྲངས། ཚོས་གཞི་ཚུ་ལག་ལེན་འཐབ་སྟེ་ཡོད།
  • རྩེདམོ་རྩེ་ནི་འདི་གིས་ལྷབ་ཡོད་མི་ཚུ་སེམས་ཁར་བཞག་ནི་ལུ་ཕན་ཐོགས་ཚུགས།
  • རིག་བསྡུར་དྲིས་ལན་འདི་གིས་ག་དེམ་ཅིག་ལྷབ་ཡོདཔ་ཨིན་ན་ ཤེས་ནི་ལུ་ཕན་ཐབས་འབད་འོང།

ཕབ་ལེན་འབད།

ཨེན་ཌོའིཌ

ཐོན་རིམ། ༠.༠༤ - ༠༨/༡༢/༢༠༡༦

ཨན་དྲོའིཊ་གི་ཐོན་རིམ་ ༤་༤་༢ དང་ཡན་ཆད་དགོ།

ཨའི་ཨོ་ཨེས

རིམ་ལུགས་འདི་ ད་ལྟོ་བརྟག་དཔྱད་འབད་བའི་བསྒང་ཨིནམ་ལས་ བསམ་འཆར་ཚུ་བཀོད་གནང།